201808100717論源(2006/12/06)

2018/08/10初版

論之本文——p. 01909

又云:「雖聞善說知心藏,修諸三昧知堅實,若行放逸令粗暴,其聞及知無大義。若喜聖者所說法,身語如之起正行,是等具忍友伴喜,根護得聞知彼岸。

p. 01910

tib.p. 02608

དེའི་གླེང་གཞི་ལྷ་ཞིག་གིས་ཞུས་པ་ལ་གསུངས་པ་གོང་དུ་བཀོད་པ་དེའོ།། གཞན་ཡང་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ལ་ཐོས་པ་བྱེད་པ་དོན་གྱི་སྙིང་པོར་ཤེས་པ་དང་། །དེར་མ་ཟད་ཏིང་ངེ་འཛིན་བསྒོམ་པ་དག་ཀྱང་སྙིང་པོར་ཤེས་པར་གྱུར་ཀྱང་། །དེ་འདྲ་བའི་མི་གང་ཞིག་ཁས་བླངས་པའི་ཚུལ་ཁྲིམས་མི་བསྲུང་བར་བག་མེད་པའི་དབང་གིས་ཡིད་བརླང་པོར་ཏེ་མ་རུངས་པར་བྱེད་པར་དེ་ནི་གླང་ཆེན་མྱོས་པ་བཞིན་དུ་ཉོན་མོངས་པའི་དབང་དུ་སོང་བས་དེའི། །ཐོས་པའི་དོན་ཚུལ་བཞིན་ཉམས་སུ་ལེན་པ་དང་དེའི་དོན་ཤེས་པ་འང་རང་གཞན་ལ་ཕན་པའི་དོན་ཆེན་པོར་མི་འགྱུར་རོ། །ཡང་མི་གང་ཞིག་སྔ་མ་དེ་ལས་ལྡོག་སྟེ་སྐྱེས་བུ་དམ་པ་འཕགས་པས་བསྟན་པའི་ཆོས་ཐོས་པ་ལ་དགའ་ཞིང་། །ཐོས་པའི་དོན་ཡིད་ཀྱིས་བསམ་པ་ཇི་ལྟ་བ་དེ་བཞིན་དུ་ལུས་དང་ངག་གིས་བླང་དོར་ཚུལ་བཞིན་དུ་སྤྱོད་པར་བྱེད་པ་འི་གང་ཟག །དེ་དག་ནི་བཟོད་པ་དང་ངེས་པ་དང་ལྡན་པས་གྲོགས་གཞན་དགའ་བར་བྱེད་ཅིང་རང་ཉིད་ཀྱང་དབང་པོ་འི་སྒོ་ཤིན་ཏུ་བསྡམས་པས་ཉེས་པས་མི་གོས་ཤིང་། །ཆོས་ཐོས་པ་དང་ཐོས་པའི་དོན་ཤེས་ནས་ཉམས་སུ་ལེན་པའི་ཕ་རོལ་ཏུ་ཕྱིན་འཐོབ།

tib.p. 02612

論源紀錄——

T04 No. 213《法集要頌經》卷第二〈多聞品第二十二〉

智牢善說快,聞知定意快,彼不用定智,速行放逸者。賢聖樂於法,所行應於口,以忍思惟空,聞意則牢固。

T04 No. 212《出曜經》卷二十一〈聞品第二十三〉

智牢善說快,聞知定意快,彼不用知定,速行放逸者。賢聖樂於法,所行應於口,以忍思惟定,聞意則牢固

前一則 下一則

回應
    沒有新回應!
關鍵字